评论 | 牢记殷切嘱托 培养时代新人

来源:日喀则发布
浏览人数:0
日期:2020-03-28 15:35

西藏与北京虽然相距遥远,但习近平总书记的心始终和西藏人民的心连在一起。我区作为特殊边疆民族地区,教育事业特别是学校思想政治教育一直备受总书记和党中央的关心关怀。藏历新年前夕,在新冠肺炎疫情防控最吃劲的关键阶段,习近平总书记在处理党和国家事务日理万机的情况下,亲自给西藏大学医学院学生回信,充分体现了对西藏工作的高度重视,体现了对西藏教育事业的关心关怀,体现了对西藏青年一代的殷切期望。我们一定要不折不扣地贯彻落实好总书记重要回信精神,紧紧围绕培养什么人、怎样培养人、为谁培养人这一根本问题,抓好立德树人这一根本任务,着力培养德智体美劳全面发展的社会主义合格建设者和可靠接班人。

培养合格建设者和可靠接班人,要牢牢把握正确办学方向。坚持不懈加强学校思想政治工作,胸怀“两个大局”,着眼于党的事业后继有人、党在西藏长期执政、西藏长足发展和长治久安,坚持以提高思想政治素质为重点,不断用习近平新时代中国特色社会主义思想和总书记治边稳藏重要论述武装广大师生头脑,着力培养一代又一代拥护中国共产党领导和我国社会主义制度、立志为中国特色社会主义奋斗终身的有用之才。要深入持久地加强反分裂斗争教育,引导青年学生自觉增强“五个认同”、铸牢中华民族共同体意识,让中华文化始终是西藏各民族的情感依托、心灵归宿和精神家园,西藏各民族文化是中华文化不可分割的一部分的思想深深扎根在学生心中。要全面贯彻党的教育方针,着力推进全区教育高质量发展,强化基础教育、优化专业结构、提升教学质量、建设一流学科,为西藏经济社会发展培养更多靠得住、用得上、留得下的优秀建设者和接班人。

培养合格建设者和可靠接班人,要坚持不懈教育引导青年学生讲党恩爱核心。教育引导广大学生用心领悟总书记的谆谆教导,始终在政治立场、政治方向、政治原则、政治道路上同以习近平同志为核心的党中央保持高度一致,自觉把总书记的崇高威望、领袖地位深深扎根于心,始终拥护核心、坚决拥戴领袖,更加紧密地团结在以习近平同志为核心的党中央周围。要进一步坚定理想信念,树立对马克思主义的信仰、对中国特色社会主义的信念、对中华民族伟大复兴中国梦的信心,厚植爱国主义情怀,自觉奋进新时代、建功新时代。要深入践行社会主义核心价值观,培养高尚道德情操和崇高精神,自觉向英雄学习、向榜样学习,继承弘扬“老西藏精神”“两路精神”,在推动经济发展、维护社会稳定、加强民族团结、强边固防、加强生态保护等各个方面冲锋在前、英勇奋战,立志肩负起民族复兴的时代重任,为西藏长足发展和长治久安作出积极贡献。要牢记总书记教导,不负韶华、练就本领,干事创业、担当作为,到人民群众中去,到新时代新天地中去,用所学专业造福基层群众,让理想信念在创业奋斗中升华,让青春在创新创造中闪光。

培养合格建设者和可靠接班人,要坚定不移加强党对教育工作的全面领导。各级党委要把加强对教育工作的全面领导作为重要职责,推动形成党委统一领导、党政齐抓共管、部门各负其责的良好局面。党政主要负责同志要熟悉教育、关心教育、研究教育,多到学校调研、多与师生交流、多听取教育工作汇报,及时帮助解决困难。要狠抓师资队伍建设,以增强广大教师的事业心和责任感为重点,全面加强师德师风建设,提高教师业务能力,优化教师资源配置,提升教师地位待遇,建设一支师德高尚业务精湛的高素质教师队伍。

教育是崇高的事业,青年是祖国的未来。各级党组织要把学习习近平总书记的重要回信精神作为重要的政治任务,与学习贯彻习近平新时代中国特色社会主义思想和习近平总书记治边稳藏重要论述结合起来,与学习习近平总书记致西藏民族大学建校60周年贺信精神结合起来,把总书记的重要回信精神化作强大的精神动力,努力把党和人民交给我们的事业干得更好。各族干部群众特别是新时代的西藏青年,要积极拥抱新时代、奋进新时代,让青春在为西藏、为祖国、为人民的奉献中焕发更加绚丽的光彩!




རང་ལྗོངས་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་གི་ངོས་ནས་སློབ་གསོའི་བྱ་གཞག་དང་ལྷག་པར་དུ་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། བོད་ཀྱི་ལོ་གསར་གྱི་སྔ་རོལ་ཏུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཛ་དྲག་ཆེ་བའི་འགག་རྩའི་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་བ་ལས།བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་ གང་ལེགས་མཚོན་པ་དང་།བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་གནང་བ་མཚོན་པ།བོད་ཀྱི་གཞོན་ནུར་བྱམས་བརྩེ་ཆེ་བའི་ཐུགས་རེ་གནང་བ་མཚོན་གྱི་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ།སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ལ་དམིགས་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་འདིར་དམ་འཛིན་ཡག་པོ་བྱས་ཏེ་ཀུན་སྤྱོད་དང་།ཤེས་རིགལུས་རྩལ། མཛེས་རིས།ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལོན་པའི་འཛུགས་སྐྲུན་པ་ དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས།

ཚད་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར།ཡང་དག་པའི་སློབ་གཉེར་གྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས།

སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་རྒྱུན་འཁྱོངས་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་ནས“སྤྱི་ཡོངས་གཉིས”ཁོང་དུ་ཆུད་པ་དང་ཏང་གི་བྱ་གཞག་ལ་རྒྱུན་འཛིན་པ་ཡོད་པ་དང་།བོད་དུ་ཏང་གིས་ཡུན་རིང་སྲིད་སྐྱོང་བ།བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བཅས་ལ་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་གཙོ་གནད་དུ་འཛིན་དགོས་པ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལ་བརྟེན་ནས་རྒྱ་ཆེའི་དགེ་སློབ་ཀྱི་བསམ་བློར་དྲག་ཆས་སྤྲས་ཏེ།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་སྲུང་ཞུ་བ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཚེ་ གང་འབད་འཐབ་བྱེད་པའི་སེམས་ཐག་གཅོད་པ་བཅས་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་མི་རབས་ནས་མི་རབས་བར་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། 


ཚད་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར།གཞོན་ནུ་སློབ་མར་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས།རྒྱ་ཆེའི་སློབ་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ལ་བློ་རྩེ་གཅིག་སྒྲིམ་ངང་གོ་བ་ནན་ཏན་ལེན་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་རྩ་དོན།ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་དང་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིའི་བླ་ན་མེད་པའི་དབང་གྲགས་དང་གཙོ་འཛིན་གྱི་གནས་བབ་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཏེ།ཐོག་མཐའ་བར་གསུམ་དུ་སྲོག་ཤིང་ལ་མཐའ་གཅིག་ཏུ་གོང་བཀུར་དང་གཙོ་འཛིན་ལ་གོང་བཀུར་ཞུས་ནས།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། 

ཚད་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར། བློ་བརྟན་འགྱུར་མེད་ངང་ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་འགན་འཁྲི་གལ་ཆེན་དུ་བརྩིས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་འཁུར་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།

སློབ་གསོ་ནི་བླ་ན་མེད་པའི་བྱ་གཞག་དང་གཞོན་ནུ་ནི་མེས་རྒྱལ་གྱི་མ་འོངས་རེད།རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་དགོས་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོས་དུས་རབས་གསར་པར་གཅེས་སྤྲས་དང་འབད་འཐབ་ཧུར་ཐག་བྱས་ནས་བོད་དང་།  མེས་རྒྱལ། མི་དམངས་བཅས་ལ་ལེགས་སྐྱེས་འབུལ་རིང་ལང་ཚོར་བཀྲག་མདངས་དེ་བས་འཚེར་བར་བྱེད་དགོས།




分享到: