评论 | 殷殷的嘱托 强大的动力

来源:日喀则发布
浏览人数:0
日期:2020-03-28 15:43


习近平总书记给西藏大学医学院学生的回信,字里行间饱含着亲切教诲、深情厚谊,充满着对西藏各族人民的关心关怀、殷殷嘱托,为我们做好西藏工作注入了强大动力。全区广大党员和各族干部群众一定要增强“四个意识”、坚定“四个自信”、做到“两个维护”,认真学习、深刻领会、全面把握回信的深刻内涵和精神实质,把学习贯彻总书记的重要回信精神,与学习贯彻习近平新时代中国特色社会主义思想结合起来,与学习贯彻习近平总书记治边稳藏重要论述结合起来,与学习贯彻习近平总书记关于西藏工作的一系列重要指示批示结合起来,不折不扣贯彻落实到各项工作中去,坚持防控、生产、稳定三件大事齐头并进,统筹推进疫情防控和发展稳定各项工作,不断开创新时代西藏长足发展和长治久安新局面。




贯彻落实习近平总书记重要回信精神,要全力做好疫情防控工作。政治上要更加坚定,站在为党分忧、对党负责的高度,站在全国“一盘棋”的高度,站在加强民族团结的高度,把各族人民生命安全和身体健康放在第一位,靠前指挥、强化担当、扎实工作,努力在大战中践行初心使命、在大考中交出合格答卷。防控要更加科学,全面提高依法防控、依法治理能力,严格管理公众聚集活动,多疏导情绪、少激化矛盾,多做暖人心、聚人气的事,织密群防群控保护网,画出群策群力同心圆。保障要更加有力,坚持科学防范、节约为先,优先保证一线医护人员需要,坚持困难麻烦由政府解决、把方便实惠送给群众,加强粮油菜和肉蛋奶等生活必需品生产供应,强化水、电、气、油料供应,切实保障群众生产生活需要。关爱要更加到位,用心用情关爱广大医务人员和一线防控人员。作风要更加务实,坚决杜绝形式主义、官僚主义,在共克时艰中践行初心使命,在防疫大考中展现担当作为,为坚决打赢疫情防控人民战争、总体战、阻击战贡献西藏力量。


贯彻落实习近平总书记重要回信精神,要坚决抓好经济社会发展各项工作。要坚持十个指头弹钢琴,坚定不移贯彻新发展理念,深化供给侧结构性改革,以正确处理好“十三对关系”为工作方法,打好三大攻坚战,全面做好“六稳”工作,发挥各方面积极性、主动性、创造性,以更坚定的信心、更顽强的意志、更果断的措施,把各项工作抓实抓细抓落地。要全面落实支持企业复工复产保持经济平稳运行的各项政策措施,加强分类指导、强化精准施策,有序有力推动各类企业复工复产,保持定力、铆足干劲、狠抓落实,确保政策措施落实落地、发挥作用、见到实效,努力实现全年经济社会发展目标任务,确保“十三五”规划圆满收官。要聚焦聚力决胜全面建成小康社会、决战脱贫攻坚,紧盯“两不愁三保障”,补齐短板、巩固成果,提升脱贫攻坚质量,确保贫困群众稳定脱贫、持续脱贫,确保如期全面建成小康社会,让各族群众更好共享改革发展成果,不断增强各族群众的获得感、幸福感、安全感。


贯彻落实习近平总书记重要回信精神,要坚决维护社会大局持续和谐稳定。要始终高举爱国主义伟大旗帜,让中华民族共同体意识和西藏各民族文化是中华文化不可分割一部分的思想深深融入各族群众血液,坚决维护祖国统一、民族团结,坚决反对分裂。要以防患于未然为原则做工作、以防止出大事打基础作准备、以敢于担当落实责任为标准看干部,保持高度警惕,树牢忧患意识,坚持底线思维,总结运用好维稳工作和抗击疫情工作中的好经验好做法,善于研究新情况、不断解决新问题、有效化解新风险,发扬斗争精神、提高防控能力,克服松懈思想和厌战情绪,夯实基层基础、加强督导巡查、压实各级责任,坚决维护社会大局和谐稳定。


声声嘱托励人心,聚力奋进正当时。我们要牢记习近平总书记的殷殷嘱托和殷切期望,不忘初心、牢记使命,锐意进取、开拓创新,以永不懈怠的精神状态,以一往无前的奋斗姿态,奋力推进西藏改革发展稳定各项事业,奋力谱写中华民族伟大复兴中国梦的西藏篇章。




སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་གྱི་ཡིག་འབྲུ་རེ་རེ་ལས་བྱམས་བརྩེའི་བཀའ་སློབ་དང་བརྩེ་སེམས་ཟབ་མོ་མཚོན་ཞིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་བྱམས་སྐྱོང་གནང་བ་དང་མངགས་བཅོལ་ཟབ་མོ་གནང་ལུགས་གང་ལེགས་མཚོན་ནས། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྒུལ་ཤུགས་སྟོབས་ཆེན་བསྣན་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་འཕྲིན་ལན་གྱི་སྙིང་དོན་ཟབ་མོ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བཅས་བྱས་ཏེ་ལས་དོན་ཁག་གི་ཁྲོད་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་དང་། ཐོན་སྐྱེད། བརྟན་ལྷིང་བཅས་ཀྱི་དོན་ཆེན་གསུམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། ཆབ་སྲིད་ཐད་དེ་བས་བློ་རྩ་བརྟན་པོ་བྱས་ཏེ་ཏང་གི་སེམས་ཁྲལ་སེལ་བ་དང་ཏང་ལ་འགན་འཁུར་བའི་མཐོ་ཚད་དང་། རྒྱལ་ཡོངས་བསམ་ཇུས་གཅིག་གི་མཐོ་ཚད།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་མཐོ་ཚད་བཅས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་སྟེ་མདུན་ཕྱོགས་སུ་བཀོད་འདོམས་དང་།  འགན་འཁྲི་ཤུགས་ཆེར་གཏོང་བ།  ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་དམག་འཐབ་ཆེན་པོའི་ཁྲོད་ཐོག་མའི་འགན་འཁྲི་ལག་ལེན་བསྟར་བ་དང་ཚོད་བགམ་ཆེན་པོའི་ཁྲོད་ཚད་ལོན་པའི་རྒྱུགས་ལན་འབུལ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། ཤུགས་མཉམ་འདོན་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་བཏང་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་ལས་ཀའི་བྱེད་ཐབས་སུ་བྱས་ཏེ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང“བརྟན་པོ་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་བཏོན་ཏེ། གདེང་ཚོད་དེ་བས་བརྟན་པོ་དང་། བློ་རྩ་དེ་བས་བརྟན་པོ། བྱེད་ཐབས་དེ་བས་འཕྲལ་ཐག་ཆོད་པོ་བཅས་ཀྱིས་ལས་དོན་ཁག་ཏན་ཏིག་དང་། ཞིབ་ཚགས། དོན་འཁྱོལ་བཅས་ལ་དམ་འཛིན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།  རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་སྔ་བར་ཕྱི་གསུམ་དུ་མཐོན་པོར་བསྒྲེངས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲག་རྒྱུན་དུ་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་ཁ་ཕྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།



分享到: